执笔绘金洛隆行走人文古道|西藏洛隆县首届文化征集大赛征稿开启
༄༅།།བོད་ལྗོངས་ལྷོ་རོང་རྫོང་གི
“རྒྱལ་ལམ་349ཡི་
མི་ཆོས་ལྡན་པའི་གནའ་ལམ།
གསེར་གཞོང་དག་ཞིང་ལྷོ་རོང”གི་
རིག་གནས་འཚོལ་བསྡུའི་འགྲན་བསྡུར་ཆེན་མོ་
སྐབས་དང་པོའི་བརྩམས་ཆོས་
བསྡུ་བའི་གསལ་བརྡ།
རྒྱ་ཆེའི་པར་ལེན་དང་།བརྙན་ལེན།དེ་བཞིན་རིག་གནས་ལ་དགའ་པོ་བྱེད་མཁན་རྣམས་ཀྱིས་དུས་རབས་གསར་པའི་འོག་གི་ལྷོ་རོང་རྫོང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་།སྣོད་བཅུད་ཀྱི་ཡིད་དབང་འཕྲོག་ཤུགས་བཅས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་འགྲེམས་སྟོན་བྱས་ཏེ།“མི་ཆོས་ལྡན་པའི་གནའ་ལམ།གསེར་གཞོང་དག་ཞིང་ལྷོ་རོང”གི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་གཏོང་ཆེད།བརྩམས་ཆོས་བསྡུ་བའི་གསལ་བརྡ་འདི་སྤེལ་པ་ཡིན།
གཅིགབྱེད་སྒོའི་བརྒྱུད་རིམ།
བརྩམས་ཆོས་བསྡུ་བའི་དུས་ཚོད།2025ལོའི་ཟླ་9ཚེས་12ཉིན་ནས2026ལོའི་ཟླ་3ཚེས་15ཉིན་བར་ཡིན།
དྲ་རྒྱའི་འགྲེམས་སྟོན་དང་འདེམས་ཤོག་འཕེན་པའི་དུས་ཚོད།2026ལོའི་ཟླ་3ཚེས་16ཉིན་ནས་ཟླ་3ཚེས་31ཉིན་བར་ཡིན།(བརྙན་ཐུང་དང་པར་ལེན་བརྩམས་ཆོས་ལ་མང་ཚོགས་ཀྱིས་འདེམས་ཤོག་འཕེན་རྒྱུ)
ཆེད་ལས་མཁས་པའི་དཔྱད་ཞིབ་དུས་ཡུན།2026ལོའི་ཟླ་4ཚེས་1ཉིན་ནས་ཟླ་4ཚེས་7ཉིན་བར་ཡིན།
མཇུག་འབྲས་ཡོངས་བསྒྲགས།2026ལོའི་ཟླ་4ཚེས་8ཉིན་ནས་ཟླ་4ཚེས་14ཉིན་བར་ཡིན།
བྱ་དགའ་སྤྲོད་པ་དང་གྲུབ་འབྲས་འགྲེམས་སྟོན།2026ལོའི་ཟླ་4་པའི་ཟླ་དཀྱིལ་ལམ་ཟླ་སྨད།(ཁམ་བུའི་མེ་ཏོག་དུས་ཆེན་རིང་གཉེར་རྩིས་ཡོད)
གཉིས།བྱ་དགའི་རྣམ་གྲངས།
(གཅིག)བརྙན་ཐུང་རིགས།(ཁྲལ་སྔོན)
ཨང་དང་པོར་མི་1དང་།བྱ་དགའི་དངུལ་སྒོར་5000ཡིན།
ཨང་གཉིས་པར་མི་2དང་།བྱ་དགའི་དངུལ་མི་རེར་སྒོར་3000ཡིན།
ཨང་གསུམ་པར་མི་3དང་།བྱ་དགའི་དངུལ་མི་རེར་སྒོར་1000ཡིན།
ཕུལ་བྱུང་བྱ་དགའ་མི་5དང་།བྱ་དགའི་དངུལ་མི་རེར་སྒོར་500ཡིན།
མིང་གྲགས་བྱ་དགའི་ནང་ཚུད་མི་20དང་།བྱ་དགའི་དངུལ་མི་རེར་སྒོར་100ཡིན།
(གཉིས)པར་རིས་ཀྱི་རིགས།(ཁྲལ་སྔོན)
ཨང་དང་པོར་མི་1དང་།བྱ་དགའི་དངུལ་སྒོར་3000ཡིན།
ཨང་གཉིས་པར་མི་2དང་།བྱ་དགའི་དངུལ་མི་རེར་སྒོར་2000ཡིན།
ཨང་གསུམ་པར་མི་3དང་།བྱ་དགའི་དངུལ་མི་རེར་སྒོར་1000ཡིན།
ཕུལ་བྱུང་བྱ་དགའ་མི་5དང་།བྱ་དགའི་དངུལ་མི་རེར་སྒོར་500ཡིན།
མིང་གྲགས་བྱ་དགའི་ནང་ཚུད་མི་20དང་།བྱ་དགའི་དངུལ་མི་རེར་སྒོར་100ཡིན།
(གསུམ)གཏམ་རྒྱུད་བསྡུ་རུབ་ཀྱི་རིགས།(ཁྲལ་སྔོན)
འགྲན་བསྡུར་ཆེན་མོའི་བླང་བྱ་དང་མཐུན་པའི་གཏམ་རྒྱུད་རེ་རེར་བྱ་དགའ་སྒོར་200སྤྲོད་རྒྱུ་དང་།བརྩམས་ཆོས་100བསྡུ་འཆར་ཡོད།
གསུམ།བྱེད་སྒོའི་ནང་དོན་དང་བླང་བྱ།
ཐེངས་འདིའི་བྱེད་སྒོའི་ནང་ཚན་པ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་།འགྲན་བསྡུར་ནང་ཞུགས་མཁན་རྣམས་དུས་གཅིག་ཏུ་རྣམ་གྲངས་མང་པོར་ཞུགས་ཆོག
(གཅིག)བརྙན་ཐུང་རིགས།
བརྩམས་ཆོས་ཀྱི་བླང་བྱ།པར་ལེན་བྱ་ཡུལ་ནི་ངེས་པར་དུ་ལྷོ་རོང་རྫོང་ཁོངས་ཡིན་དགོས་པ་དང་།དུས་ཡུན་སྐར་ཆ་8ནས་སྐར་མ་5བར་ཡིན་དགོས།པར་ངོས་གསལ་ལ་བརྟན་པ་དང་།དྲས་སྒྲིག་བདེ་བ་ཡིན་དགོས།དེ་བཞིན་རྒྱབ་ལྗོངས་རོལ་དབྱངས་དང་ཡི་གེ་དང་འགྲེལ་བཤད་སྒྲིག་སྦྱོར་བྱེད་ཆོགནང་དོན་ཐད་ངེས་པར་དུ་བརྗོད་དོན་གཙོ་བོའི་སྐོར་ཡིན་དགོས་པ་དང་གསར་གཏོད་ལ་ཚད་བཀག་མེད།(དཔེར་ནVIogདང་།དངོས་ཟིན་གློག་བརྙན།གནམ་དཔར།འཁྲབ་གཞུང་བརྙན་ཐུང་སོགས)
རྣམ་གཞག་གི་བླང་བྱ།བརྩམས་ཆོས་ཀྱི་དབྱེ་འབྱེད་ཚད1080p(1920x1080)ལས་མི་དམའ་བ་དང་།རྣམ་གཞག་MP4ཡིན་དགོས།
(གཉིས)པར་རིས་ཀྱི་སྐོར།
བརྩམས་ཆོས་ཀྱི་བླང་བྱ།པར་ལེན་བྱ་ཡུལ་ནི་ངེས་པར་དུ་ལྷོ་རོང་རྫོང་ཁོངས་ཡིན་དགོས་པ་དང་།པར་རིས་རྐྱང་པའམ་ཡང་ན་པར་ཚོགས(པར་ཚོགས་རེར་པར་རིས་6ལས་བརྒལ་མི་ཆོག)གང་ཡིན་ཆོགབརྩམས་ཆོས་ལ་རྗེས་སུ་ལེགས་སྒྲིག་འོས་འཚམ་བྱས་ཆོག་མོད།འོན་ཀྱང་གཟུགས་བརྙན་གྱི་དོན་དངོས་རང་བཞིན་དང་རྒྱབ་འགལ་བྱས་མི་ཆོགབརྩམས་ཆོས་ཀྱི་ཁ་བྱང་དང་ཡི་གེ་མདོར་བསྡུས་ཀྱི་གསལ་བཤད་ཟུར་དུ་འགོད་དགོས།
རྣམ་གཞག་གི་བླང་བྱ།བརྩམས་ཆོས་ཀྱི་རྣམ་གཞགJPGཡིན་དགོས་ཤིང་།ཤོག་གྲངས་གཅིག་གི་ཆེ་ཆུང་3MBལས་མི་དམའ་བ་ཡིན་དགོས།
(གསུམ)གཏམ་རྒྱུད་འཚོལ་སྡུད་ཀྱི་རིགས།
བརྩམས་ཆོས་ཀྱི་བླང་བྱ།ཡི་གེ་གཞི་རྟེན་དུ་བྱས་ནས་ལྷོ་རོང་རྫོང་དང་འབྲེལ་བ་ཡོད་པའི་མི་སྣ་དང་།ལོ་རྒྱུས།དམངས་ཁྲོད་ཀྱི་གཏམ་རྒྱུད(གནས་རི་དང་བླ་མཚོའི་གཏམ་རྒྱུད)དམ་ཡང་ན་མི་སྒེར་གྱི་ལོ་རྒྱུས་སོགས་ཡིན་དགོས་པ་དང་།རྩོམ་ལུས་སྒྲུང་ཐུང་ཡིན་དགོས།ཡིག་གྲངས་གྲོས་འགོ་ཡིག་འབྲུ་500ནས་5000བར་ཡིན།
རྣམ་གཞག་གི་བླང་བྱ།Wordཡིག་ཚགས་རྣམ་པའི་ཐོག་ནས་འབུལ་དགོས་པ་དང་།ཁ་བྱང་ནི་ཡིག་གཟུགས་ནག་པོ་ཨང་གསུམ་པ་དང་།ཡིག་གཟུགས་དངོས་ནི་སུང་གཟུགས་ཆུང་བ་བཞི་པ་ཡིན་དགོས།
བཞི།འབུལ་སྟངས།
བརྙན་ལམ་ཐུང་གྲས་དང་པར་རིས་བརྩམས་ཆོས་ཁྱུག་དབྱོངས་སམ་ཡང་ན་སྐད་འཕྲིན་བརྙན་ལམ་ཨང་རྟགས་སུ་སྤེལ་དགོས་པ་དང་།བརྗོད་གཞི་#རྒྱལ་ལམ་349ཡི་མི་ཆོས་ལྡན་པའི་གནའ་ལམ།གསེར་གཞོང་དག་ཞིང་ལྷོ་རོང་། ལྷོ་རོང་རིག་གནས་ཡུལ་སྐོར་(#国道349•人文古道•金色洛隆#并 洛隆文旅)སོགས་ཁ་སྣོན་བྱེད་དགོས།དེ་དང་ཆབས་ཅིགམ་ཡིག་འགྲན་བསྡུར་ཆེན་མོའི་ཡིག་སྒམ་ནང་བསྐུར་དགོས།སྦྲག་ཡིག་གི་ཁ་བྱང་དང་།པར་ལེན་དུས་ཚོད།པར་ལེན་ས་གནས།པར་རིས་བཅས་གསལ་པོར་འགོད་དགོས།
གཏམ་རྒྱུད་རིགས་ཀྱི་བརྩམས་ཆོས་སྦྲག་ཡིག་བརྒྱུད་དེ་འགྲན་བསྡུར་ཆེན་མོའི་གཞུང་ཕྱོགས་ཀྱི་ཡིག་སྒམ(གལ་ཏེ་མི་མི་འདྲ་བས་གཏམ་རྒྱུད་གཅིག་པ་ཕུལ་ཚེ་སྦྲག་ཡིག་བསྐུར་བའི་དུས་ཚོད་སྔ་བ་ཚད་གཞིར་འཛིན་རྒྱུ)ནང་བསྐུར་དགོས།སྦྲག་ཡིག་གི་བརྗོད་དོན་གཙོ་བོར་[གཏམ་རྒྱུད་འཚོལ་བསྡུ]+བརྩམས་ཆོས་ཀྱི་མིང་+རྩོམ་པ་པོའི་མིང་བཅས་གསལ་པོར་འགོད་དགོས།
བརྩམས་ཆོས་ཀྱི་ཡིག་ཁུག་ཚང་མར་ངེས་པར་དུ་རྩོམ་པ་པོའི་མིང་དང་།འབྲེལ་གཏུག་ཁ་པར།ཞིབ་ཕྲའི་ས་གནས་བཅས་གསལ་པོར་འགོད་དགོས།
གཙོ་གཉེར་ཚན་པ།
ཀྲུང་གུང་ལྷོ་རོང་རྫོང་ཨུ་ཡོན་ལྷན་ཁང་།
ལྷོ་རོང་རྫོང་མི་དམངས་སྲིད་གཞུང་།
སྒྲུབ་གཉེར་ཚན་པ།
ཧྥུའུ་ཅན་ཆོན་ཀྲོའུ་ཡི་དུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག
ཀྲུང་གུང་ལྷོ་རོང་རྫོང་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ།
ལྷོ་རོང་རྫོང་རིག་གནས་དང་ཡུལ་སྐོར་ཅུད།
བརྩམས་ཆོས་བསྐུར་སའི་ཡིག་སྒམ།
cdllxlyj@163.com
འབྲེལ་གཏུག་ཁ་པར།
原文详见(复制以下链接进浏览器查看):
https://mp.weixin.qq.com/s/zsA30qOJWv8iyfGTknE2TQ
